中华人民共和国民法典
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་ཆེན་མོ།
ཁག་བཞི་བཅུ་ཞེ་བཞི་བ།
གཟུ་བའི་ལག་ལ་དབང་སྤྲད་ནི་ཡིན།།
ཆུ་བའི་ལག་ལ་ཁེམ་སྤྲད་ནི་ཡིན།།
-----བོད་ཀྱི་གཏམ་དཔེ།
第一篇 总则ལེ་ཚན་དང་པོ། སྤྱིའི་དོན་ཚན།
第3章ལེའུ་གསུམ་པ། ཁྲིམས་མི།
第3节 非营利法人ས་བཅད་གསུམ་པ། ཁེ་གཉེར་མིན་པའི་ཁྲིམས་མི།
第八十七条 为公益目的或者其他非营利目的成立,不向出资人、设立人或者会员分配所取得利润的法人,为非营利法人。
非营利法人包括事业单位、社会团体、基金会、社会服务机构等。
དོན་ཚན་གྱ་བདུན་པ། སྤྱི་ཕན་གྱི་དམིགས་ཡུལ་ནམ་ཁེ་གཉེར་མིན་པའི་དམིགས་ཡུལ་ཆེད་དབུ་བརྙེས་པ་དང་། མ་དངུལ་འཇོག་མཁན་དང་ཀུང་སི་འཛུགས་མཁན། ཡང་ན་ཚོགས་མིར་ཁེ་སྤོགས་མི་བགོ་བའི་ཁྲིམས་མི་ནི་ཁེ་གཉེར་མིན་པའི་ཁྲིམས་མི་ཡིན།ཁེ་གཉེར་མིན་པའི་ཁྲིམས་མི་ལ་བྱ་ལས་སྡེ་ཚན་དང་སྤྱི་ཚོགས་ཀྱི་ཚོགས་པ། ཐེབས་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་སོགས་ཚུད་ཡོད།
第八十八条 具备法人条件,为适应经济社会发展需要,提供公益服务设立的事业单位,经依法登记成立,取得事业单位法人资格;依法不需要办理法人登记的,从成立之日起,具有事业单位法人资格。
དོན་ཚན་གྱ་བརྒྱད་པ། ཁྲིམས་མིའི་ཆ་རྐྱེན་འཛོམས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་དང་བསྟུན་ཆེད་སྤྱི་ཕན་ཞབས་ཞུ་མཁོ་འདོན་བྱས་ནས་བཙུགས་པའི་བྱ་ལས་སྡེ་ཚན་དེ་ཁྲིམས་ལྟར་ཐོ་འགོད་བྱས་པ་ནས་བཟུང་ཁྲིམས་མིའི་ཐོབ་ཐང་ལྡན། ཐོ་འགོད་བྱེད་མི་དགོས་པ་དེ་དག་དབུ་བརྙེས་པའི་ཉིན་ནས་བཟུང་བྱ་ལས་སྡེ་ཚན་གྱི་ཁྲིམས་མིའི་ཐོབ་ཐང་ལྡན།
第八十九条 事业单位法人设理事会的,除法律另有规定外,理事会为其决策机构。事业单位法人的法定代表人依照法律、行政法规或者法人章程的规定产生。
དོན་ཚན་གྱ་དགུ་པ། བྱ་ལས་སྡེ་ཚན་གྱི་ཁྲིམས་མིའི་ལས་འཛིན་པའི་ལྷན་ཚོགས་བཙུགས་ཡོད་ན་བཅའ་ཁྲིམས་ནང་གཏན་འབེབས་གཞན་ཡོད་པ་ཕུད་ལས་འཛིན་ལྷན་ཚོགས་ནི་ཇུས་ཐག་གཅོད་པའི་ལས་ཁུངས་ཡིན། བྱ་ལས་སྡེ་ཚན་ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་ནི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ཡང་ན་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་བཅས་ལས་བྱུང་བ་ཡིན།
第九十条 具备法人条件,基于会员共同意愿,为公益目的或者会员共同利益等非营利目的设立的社会团体,经依法登记成立,取得社会团体法人资格;依法不需要办理法人登记的,从成立之日起,具有社会团体法人资格。
དོན་ཚན་དགུ་བཅུ་པ། ཁྲིམས་མིའི་ཆ་རྐྱེན་འཛོམས་ཏེ་ཚོགས་མིའི་ཐུན་མོང་གི་འདོད་བློ་ལྟར་སྤྱི་ཕན་དམིགས་ཡུལ་ནམ་ཚོགས་མིའི་ཐུན་མོང་གི་ཁེ་ཕན་སོགས་ཁེ་གཉེར་མ་ཡིན་པའི་དམིགས་ཡུལ་གྱི་ཆེད་དུ་བཙུགས་པའི་སྤྱི་ཚོགས་ཚོགས་པ་ཁྲིམས་ལྟར་ཐོ་འགོད་བྱས་ཏེ། སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་དང་། ཁྲིམས་ལྟར་ཁྲིམས་མིའི་ཐོ་འགོད་བྱ་མི་དགོས་པར་བཙུགས་པའི་ཉིན་ནས་བཟུང་སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ལྡན།
སྤྱིའི་འདོན་ཐེངས་284